ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ད་ལོའི་ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཟླ་བཞི་བའི་ཟླ་སྨད་དུ་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། གསལ་སྒྲོག་ལས་ཐེངས་འདིའི་ཨུ་རུ་སི་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དང་འབྲེལ་བའི་བྱེ་བྲག་གི་ནང་དོན་ཞིབ་མོར་བསྒྲགས་མེད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་གཟའ་འཁོར་རྗེས་མར་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་ཡིན་ཞིང་། འབྲེལ་ཡོད་ཀྱི་གྲ་སྒྲིག་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར། 

ཉིས་སྟོང་བཅོ་ལྔ་བརྒྱད་ལོའི་ཟླ་ལྔ་བར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁྲའོ་ཞན་དུ་འཚམས་འདྲི་བྱེད་སྐབས་ཕུའུ་ཅིན་གྱི་འཕྲིན་ཡིག་བརྒྱུད་སྤྲོད་བྱས་ཏེ། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སི་རུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།