ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཐཱ་ནི་ཡཱ་ཧུའུ་ཡི་རུལ་སུངས་དང་འབྲེལ་བའི་ཉན་ཞིབ་ཚོགས་འདུ་ཟླ་བཅུ་བའི་བར་རྗེས་སུ་སྣུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་མན་ཏི་ཨར་པུའུ་ལེ་ཐི་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་རུལ་སུངས་དང་འབྲེལ་བའི་ཉན་ཞིབ་ཚོགས་འདུ་དེ་ད་ལོའི་ཟླ་བཅུ་བའི་བར་རྗེས་སུ་སྣུར་བར་ཡིད་འཐད་བྱུང་ཡོད་ཟེར། 

མན་ཏི་ཨར་པུའུ་ལེ་ཐི་ཡིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཁྲིམས་རྩོད་པར་བསྐུར་བའི་འཕྲིན་ཡིག་ཅིག་གི་ནང་བཤད་རྒྱུར། ཉན་ཞིབ་ཚོགས་འདུ་དེ་ཟླ་བཅུ་བའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གལ་ཏེ་དགོས་པ་ཡོད་ན་དེའི་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་མུ་མཐུད་དུ་ཉན་ཞིབ་ཚོགས་འདུ་སྤེལ་ཆོག་ཟེར། 

མན་ཏི་ཨར་པུའུ་ལེ་ཐི་ཡིས་ད་ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ལ་རུལ་སུངས་དང་འབྲེལ་བའི་སྐྱོན་འཛུགས་གསུམ་ཐེབས་ཡོད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་རྗེས་སུ་སྐྱོན་འཛུགས་དེར་གཞི་འཛིན་ས་ཅི་ཡང་མེད་ལ། ཁོར་དམིགས་པའི་ཆབ་སྲིད་གནོད་པ་ཞིག་རེད་ཟེར། ཁྲིམས་འཛིན་ལས་རིམ་ལྟར་དུ་དངོས་སུ་ཞུ་གཏུག་མ་བྱས་གོང་། མན་ཏི་ཨར་པུའུ་ལེ་ཐི་ཡིས་གྱོད་དོན་དེ་གསུམ་པར་ཉན་ཞིབ་བྱས་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་དང་དེའི་ཁྲིམས་རྩོད་པར་དག་འབུད་བྱེད་དུ་འཇུག་རྒྱུ་ཡིན་ཟེར། 

ཉན་ཞིབ་ཚོགས་འདུ་དེ་སྔོན་ཟླ་བདུན་པའི་ཚེས་བཅུ་ཉིན་སྤེལ་བར་ཐག་བཅད་ཡོད་ཀྱང་། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཁྲིམས་རྩོད་པས་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ལོ་གཅིག་གི་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་ཡང་། མན་ཏི་ཨར་པུའུ་ལེ་ཐི་ཡིས་ཁས་ལེན་མ་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།