ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་སྲིད་གཞུང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་དབུས་ཕྱོགས་ཀྱི་ཏའོ་ཀུང་རིགས་ཀྱི་སྡེ་བ་ཞིག་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་གོ་ལྔ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།
མཱ་ལིའི་སྲིད་གཞུང་གིས་སྤྱི་སྒྲོག་ནང་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཁག་དེས་ཚེས་བཅུ་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ་མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་དུ་ཡོད་པའི་ཏའོ་ཀུང་རིགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་གོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དགུ་གར་སོང་རྙེད་མེད་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སྡེ་བ་དེ་མེར་བསྲེགས་པ་དང་། ཏའོ་ཀུང་རིགས་ཀྱི་སྡེ་མི་ཉི་ཤུ་ལྷག་ཉེན་ཁ་ལས་ཐར་བ་མ་གཏོགས། དེའི་འཕྲོའི་ཏའོ་ཀུང་རིགས་ཀྱི་སྡེ་མི་དག་དམར་གསོད་བཏང་སོང་བ་རེད་ཟེར།