ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)གི་ཇུས་འགོད་འཆར་གཞིའི་སྙན་ཞུའི་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)གི་ཇུས་འགོད་འཆར་གཞིའི་གྲོས་ཚོགས་གཙོས་སུ་འཚོགས། གྲོས་ཚོགས་ཀྱིས་ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)འཛུགས་སྐྲུན་ལས་གཞིའི་འཆར་འགོད་ལ་ཉན་པ་དང་། འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ནས་ཇུས་འགོད་འཆར་གཞི་སྔར་ལས་འཐུས་ཚང་དུ་བཏང་།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་ཇུས་འགོད་འཆར་གཞིར་བསམ་ཚུལ་བཏོན་ཞིང་འབྲེལ་ཡོད་འཛུགས་སྐྲུན་སྡེ་ཁག་སོ་སོར་བླང་བྱ་བཏོན། ཁུལ་གྱི་འགོ་ཁྲིད་པ་ཞུས་ཆང་དང་ཁྲིན་ཅང་ཧྥུན། ཧྲི་ཀྲན་ལིའང་། ལིའུ་ཡུང་ཀོ ཝང་ཡ་ནན་བཅས་གྲོས་ཚོགས་སུ་ཞུགས། ཐེན་ཅིན་གྲོང་ཁྱེར་ཨར་ལས་ཇུས་འགོད་གླིང་གི་ཡོན་ཀྲང་གཞོན་པ་ཝང་དབྱི་ཞིན་གྱིས་ཚོགས་པ་ཁྲིད་དེ་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ཏུ། ཐེན་ཅིན་གྲོང་ཁྱེར་ཨར་ལས་ཇུས་འགོད་གླིང་གི་དབུ་བཞུགས་སྤྱི་ཁྱབ་བཟོ་སྐྲུན་པས་ཇུས་འགོད་འཆར་གཞིའི་གནས་ཚུལ་ཞུས་ཤིང་། གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་པ་སོ་སོ་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་འགན་ཁུར་བས་ཇུས་འགོད་འཆར་གཞིར་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན།

ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)གི་ལས་གཞི་ནི“ལྔའི་བཅུ་གསུམ”དུས་སྐབས་ཀྱི་ཁུལ་རིམ་པའི་སྤྱི་བའི་རིག་གནས་ཞབས་ཞུའི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། ཁུལ་བཙུགས་པ་ནས་བཟུང་སྤྱི་བའི་རིག་གནས་ཞབས་ཞུའི་ལས་གཞིའི་ཁྲོད་དངུལ་གཏོང་ཚད་ཆེས་མང་བའི་ལས་གཞི་ཞིག་ཡིན། ལས་གཞི་འདིའི་འཛུགས་སྐྲུན་ས་གནས་ནི་ཞིང་ཆེན་གཞུང་ལམ306གཙོས་ནས་རྨེ་རུ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་བརྒལ་མཚམས་ཀྱི་ནུབ་ཕྱོགས་གཙོས་གྲོང་ཁྱེར་ཤོ་མང་སྡེ་བའི་ཤར་ཕྱོགས་ཀྱི་ཞིང་ས་སྟོང་བ་རུ་གཏན་ཁེལ་བྱས་ཤིང་། ས་ངོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.5ཟིན་པ་དང་འཆར་གཞི་ལྟར་ན་འཛུགས་སྐྲུན་གྱི་ས་གནས་ལ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི6དང་། སྔོན་རྩིས་ལྟར་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5གཏོང་དགོས་ལ། ཀྲུང་དབྱང་གི་སྔོན་རྩིས་དངུལ་གཏོང་ནང་རེ་འདུན་ཞུ་བར་ཐག་བཅད།

ཝང་དབྱི་ཞིན་གྱིས་གཏམ་བཤད་ཁྲོད་དུ་ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)གི་ལས་གཞི་ལེགས་པོར་འཛུགས་སྐྲུན་བྱེད་པར་ཆོད་སེམས་དང་ཡིད་ཆེས་བརྟན་པོ་ཡོད་པའི་བསམ་ཚུལ་བསྟན། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།