ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཅོ་ནེ་རྫོང་གིས་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་མཐོ་རུ་བཏང་སྟེ་དམངས་འཚོ་དང་ཡུལ་སྐོར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་མཁར་གྲོང་གི་བགྲོད་ལམ་མཐོར་འདེགས་དང་སྲང་ལམ་སྲ་མཁྲེགས་སུ་གཏོང་བ། གྲོང་ཁུལ་ཇེ་གསལ་དང་ལམ་འགྲམ་བཟོ་བཀོད་ཀྱི་རྣམ་པ་བསྒྱུར་བཀོད་བྱེད་པ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་ཕྱོགས་ནས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་འདུག་ས་དང་ཡུལ་སྐོར་བྱེད་ས་གཉིས་པོར་འཚམ་པའི་རྣམ་པ་གསར་བའི་ཡུལ་སྐོར་གྱི་གྲོང་ཁྱེར་སྐྲུན་གྱིན་ཡོད།

སྤྱིའི་མ་དངུལ་སྒོར་ཁྲི3000ལྷག་བཏང་བའི་མཁར་གྲོང་གི་བགྲོད་ལམ་མཐོར་འདེགས་སུ་གཏོང་བའི་ལས་གྲྭ་དེ་འཆར་གཞིར་མཁར་གྲོང་གི་བགྲོད་ལམ་གཙོ་བོའི་མི་འགྲོ་ས་བསྒྱུར་བཀོད་མཐོར་འདེགས་གཏོང་རྒྱུ་མ་ཟད། ལམ་ངོས་དང་མེ་ཏོག་རྫ་མ། ལམ་ཁ་བཅས་ཚང་མ་བརྗེ་རྒྱུ་ཡིན་ལ། སྲང་ལམ་སྲ་མཁྲེགས་སུ་གཏོང་བའི་ལས་གྲྭ་ཁག་ཅིག་ལེགས་གྲུབ་བྱུང་བས་སྡོད་དམངས་ཆར་དུས་སུ་ཕྱིར་འགྲོ་བར་སྟབས་མི་བདེ་བའི་གནད་དོན་གཞི་རྩའི་སྟེང་ནས་ཐག་བཅད། མཁར་གྲོང་ཇེ་གསལ་དུ་གཏོང་བ་དང་ལམ་འགྲམ་བཟོ་བཀོད་ཀྱི་རྣམ་པ་བསྒྱུར་བཀོད་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། གྲོང་ཁྱེར་མཛེས་བཟོའི་ཕན་ནུས་མཐོར་འདེགས་སུ་བཏང་།

མཁར་གྲོང་གི་བཟོ་བཀོད་དང་མི་མང་ཚོགས་ས་མངའ་ཁོངས་དབྱེ་བ་དང་རིགས་བཀར་ནས་མཛེས་བཟོ་བྱས་པས། རིམ་པ་མང་ཞིང་འབུར་གཟུགས་ཅན་གྱི་ཕན་འབྲས་མངོན་པ་དང་། ཅོ་ནེ་རྫོང་བོད་ཁུལ་འཛུགས་སྐྲུན་གྱི་ཁྱད་ཆོས་གང་ལེགས་ཀྱིས་མཚོན་པར་བྱས། ལས་གྲྭ་འདི་དག་ལག་ལེན་བསྟར་བ་ལས་ཅོ་ནེ་རྫོང་གི་གྲོང་ཁྱེར་གྱི་སྤུས་ཀ་མཐོར་འདེགས་སུ་བཏང་བ་དང་། ཡུལ་སྐོར་གྱི་མིང་གྲགས་ཇེ་མཐོར་བཏང་ཞིང་སྡོད་དམངས་ལ་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བའི་ཁོར་ཡུག་ཅིག་འདོན་སྤྲོད་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།