ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་ས་ཁྲལ་ཅུའུ་ཡིས་ས་གནས་ཀྱི་དཔྱ་ཁྲལ་ཡོང་སྒོ་སྒོར་ཁྲི9098མཛོད་དུ་བཅུག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6བའི་ཟླ་འགོའི་དར་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ས་ཁྲལ་ཅུའུ་ཡིས་ས་གནས་ཀྱི་དཔྱ་ཁྲལ་ཡོང་སྒོ་བསྡོམས་པས་སྒོར་ཁྲི9098མཛོད་དུ་བཅུག  དུས་བཅད་ཀྱི་སྔོན་དུ་ལོ་ཧྲིལ་བོའི་ཁྲལ་བསྡུའི་ལས་འགན་ཕྱེད་ལས་བརྒལ་པའི་དམིགས་འབེན་མངོན་འགྱུར་བྱུང་།

ད་ལོ་ནས་བཟུང་སྟེ། གཙོས་གྲོང་ཁྱེར་ས་ཁྲལ་ཅུས་ཀྱིས་ཁྲལ་བསྡུའི་འཆར་གཞི་ལ་དབྱེ་ཞིབ་བྱས་ཏེ། ཁྲལ་ཁུངས་ཀྱི་གཞི་གྲངས་ཁོང་དུ་ཆུད་པར་བྱས་པ་དང་། དཔྱ་ཁྲལ་གྱི་ཡོང་འབབ་མགྱོགས་མྱུར་གྱིས་གོང་དུ་འཕེལ་བ་ཁག་ཐེག་བྱས། ཐོན་ཁུངས་ཀྱི་དཔྱ་ཁྲལ་བཅོས་བསྒྱུར་དོན་འཁྱོལ་བྱས་པ་བརྒྱུད་ནས། གྲངས་འབོར་ལྟར་བསྡུ་བ”དེརིན་ཐང་ལྟར་བསྡུ་བ”རུ་བསྒྱུར་རྗེས། ཐོན་ཁུངས་ཀྱི་དཔྱ་ཁྲལ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཚད་མཐོའི་སྒོས་གོང་དུ་འཕར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།