ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་སླེབས་སྐབས་ཀན་སུའུ་ཡི་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས27ཉིན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་《རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 

《བསམ་འཆར》ནང་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག2020ལོར་སླེབས་སྐབས་སྤྱི་ལེ7300ཡན་ཟིན་པ་བྱས་ཏེ“རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང”དང་། ཤང་གྲོང་ཚང་མར་རྒྱལ་ལམ་དང་ཞིང་ཆེན་ལམ་ཤར་གཏོང་། གྲོང་ཚོ་ཚང་མར་སྣུམ་ནག་གཞུང་ལམ་མམ་ཡང་ན་ཨར་འདམ་གཞུང་ལམ་ཤར་གཏོང་བཅས་གཞི་རྩའི་ཆ་ནས་ཐུབ་པ་བྱེད་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་གཉེར་སྐྱོང་ལམ་ཐག་སྤྱི་ལེ7200ཡན་ཟིན་པ་བྱས་ནས་ནུས་པ་ཆ་ཚང་བ་དང་བདེ་འཇགས་ཕན་ཆེ་ཡོད་ལ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གཙོ་རྐང་དྲ་རྒྱ་ཆགས་པར་བྱེད་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔའི་ཚན་བཅུ་གཉིས་པའི”རིང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་རིམ་རྩིས་ལྟར་ན། གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར2300ཙམ་བྱས་ཡོད་པ་དང་། ལོ་ལྔའི་རིང་གཞུང་ལམ་ལམ་ཐག་སྤྱི་ལེ2.12གསར་དུ་སྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི14.01ཟིན་ནས་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་གནས་ཡུལ་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་བགྲོད་ཐུབ་པ་དང་། རྫོང་དང་། གྲོང་ཁྱེར། ཆུས་བཅས་སྲིད་གཞུང་གནས་ཡུལ་དུ་རིམ་པ་གཉིས་སམ་ཡང་ན་དེ་ཡན་གྱི་གཞུང་ལམ་ཤར་བགྲོད་ཐུབ་པ། ཤང་གྲོང་ཚང་མར་སྣུམ་ནག(ཨར་འདམ)གཞུང་ལམ་ཤར་བགྲོད་ཐུབ་ཡོད་པ་རེད། དེའི་རིང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་མགྱོགས་སུ་ཕྱིན་ཏེ་ལོ་ལྔའི་རིང་མྱུར་བགྲོད་གཞུང་ལམ་སྤྱི་ལེ1607གསར་དུ་འཕར་བ་དང་། མྱུར་བགྲོད་གཞུང་ལམ་ལམ་ཐག་སྤྱི་ལེ3600ཟིན་ནས་“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་རྫོང་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད62%ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།