ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1515636291762319.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས9ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ལེགས་གྲུབ་བྱུང་སྟེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཕུན་སུམ་ཚོགས་པའི་ངང་གྲོལ།    ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་འཐུས་མི257ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི241ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།       

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།       ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། སུང་ཀྲན་ཝུན། ཞི་ཆང་། ཚེ་རིང་དོན་གྲུབ། ལི་རུའེ་ཕིན། དབྱང་ཅན་གོ ལིའང་མིང་ཀོང་། དབྱང་ཀྲི་ཚའེ། དབྱང་ཀྲུའུ་ཆིན། ཏུང་ཡན་ཆིན་བཅས་ཡིན།    ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་སོགས་མི31ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཀྲུའུ་ཞི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཁྲིན་ཅང་ཧྥུན་དང་ཁུལ་ཨུའི་རྒྱུན་ཨུ་ཡོན་ཞིན་ཧོ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཁྲང་ཏེ་ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་དང་དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ རྨིན་ཀྲན་པིའོ། སྒྲོལ་མ་སྐྱབས། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཁྲིན་ཀྲིན་ཝུའུ་དང་སློབ་གཙོ་གཞོན་པ་མུའུ་ཅི་ཞོན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། དྲག་སྤྲས་ཉེན་རྟོག་ཀན་ལྷོའི་ཡན་ལག་རུ་ཁག་གི་རུ་གཙོ་ཧོ་ཅན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀོ་ཞའོ་ཏུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད།    

1515636291798426.jpg

གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་བྱེད་སྟངས་སྤྱད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྙན་ཞུ་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ 2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང 2018ལོའི་ཁུལ་ཡོངས་དཱང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་དོ་དམ་གྱི་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།   

1515636291541846.jpg

1515636291436924.jpg

1515636291246611.jpg 

གསར་དུ་བདམས་ཐོན་བྱུང་བའི་ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་བསམ་ཚུལ་སྟོན་པའི་གཏམ་བཤད།    ཨན་ཅིན་ལུང་གིས་བཤད་པར། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་དང་གྲུབ་འབྲས་གསར་བ་ཐོབ་ཡོད། ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁུར་ནས། ཀན་ལྷོའི་སྒྱུར་བཅོས་འཕེལ་རྒྱས་ཐད་ཇུས་བཟང་འབུལ་བ་དང་། (པར་ ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བྱ་བ་གལ་ཆེན་རིགས་གྲོས་བསྡུར་ཐག་གཅོད་དང་། ཁུལ་དམངས་ཆེན་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་གྲོས་བསྡུར་ཐག་གཅོད་བྱས། ཀན་ལྷོ་ཁུལ་གྱི 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་དང་། 2018ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་གྲོས་ཞིབ་ཆོག་མཆན་བཀོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་སྲོལ་ཡིག (འཆར་ཟིན) དང ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་དོ་དམ་གྱི་སྲོལ་ཡིག(དག་བཅོས་འཆར་ཟིན)ལ་གྲོས་འཆམ་བྱུང་། ཀན་ལྷོ་ཁུལ་གྱི་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི 24འདེམ་ཐོན་བྱུང་བ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ 1བདམས་བསྐོ་བྱས་ཤིང་། ཐེངས་འདིའི་འཐུས་མི་ཚོགས་ཆེན་ནི་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། སྟོབས་ཤུགས་གཅིག་སྒྲིལ། འབད་འབུངས་མདུན་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། གྲོས་ཚོགས་ཀྱི་གྲུབ་འབྲས་ཀྱིས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་བྱུང་བ་གསལ་བོར་མཚོན་ལ་ཕྱོགས་ཡོངས་ནས་དུས་རབས་གསར་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བླང་བྱ་གསར་བ་དོན་འཁྱོལ་བྱས་ལ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡང་མཚོན་ཞིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་གསར་བ་དང་བསྟུན་ལ་དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད། 

1515636292884052.png

1515636292286764.png

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་འགོ་ཁྲིད་བྱེད་པ་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པ་གཏིང་ཟབ་སྒོས་ཤེས་རྟོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ང་ཚོས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས་པའི་མཛུབ་ཁྲིད་ཀྱི་བསམ་བློ་ཞིག་ཡིན་པ་ཤེས་རྟོགས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བས་བཏོན་པའི་ཆབ་སྲིད་ཀྱི་ཆོད་གཏམ་དང་འཐབ་ཇུས་བཀོད་སྒྲིག དམིགས་འབེན་གྱི་ལས་འགན་གལ་ཆེན་ཤེས་རྟོགས། ཏང་གི་ཚོགས་ཆེན་བཅུ་དགུ་བས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་དམངས་ཆེན་བྱ་བར་བཏོན་པའི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བ་ཤེས་རྟོགས་ཡོང་བར་བྱས་ནས་ལག་ལེན་གསར་བ་མུ་མཐུད་དུ་འཚོལ་ཞིབ་དང་རྣམ་པ་གསར་བ་མངོན་དགོས།    རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་ནས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཨན་ཅིན་ལུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་བ་ཁྱབ་བསྒྲགས་བྱས།ཚོགས་ཆེན་མཇུག་གྲོལ་རྗེས་གསར་དུ་བདམས་ཐོན་བྱུང་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག

1515636292685933.png

རྩོམ་སྒྲིག་པ། : ཀླུ་མོ་མཚོ།