ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་ནང་དུ་ཀན་ལྷོ་ཁུལ་གྱི་དབུལ་ཕོངས་མི་གྲངས་བཅུ་ཆའི་བརྒྱད་དབུལ་ཐར་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཚད་མཐོའི་དབུལ་ཕོངས་ས་ཁུལ་གྲས་ཀྱི་གཅིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བསམ་བློ་དང་ཁྱད་པར་དུ་ཀན་སུའུ“ཤུགས་འདོན་བརྒྱད”ཀྱི་གལ་ཆེན་མཛུབ་སྟོན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་དབུལ་ཐར་མཁྲེགས་གཏོར་དེ“བཟོ་སྐྲུན་དང་པོ”རུ་བཟུང་ནས་འབད་པ་ལྷུར་ལེན་དང་ནན་ཏན་གྱིས་དབུལ་སྐྱོར་དབུལ་ཐར་ཚད་ལྡན་དུ་འགྱུར་བར་ལག་བསྟར་ནན་མོ་བྱས་པས། དབུལ་མཐར་མཁྲེགས་གཏོར་ལ་ཕན་འབྲས་མངོན་གསལ་ཐོབ། ཁུལ་ཡོངས་ཀྱི་རོང་འབྲོག་སྡེ་བའི་དབུལ་ཕོངས་མི་གྲངས་དེ 2012ལོའི་ལོ་མཇུག་གི་མི་ཁྲི20.16ནས2017ལོའི་ལོ་མཇུག་གི་མི་ཁྲི4074རུ་ཇེ་ཉུང་དུ་སོང་། ལོ་ལྔའི་ནང་དུ་མི་ཁྲི15.87དབུལ་ཕོངས་ལས་ཐར་ཞིང་དབུལ་ཕོངས་མི་གྲངས་ཀྱི77%ཟིན། དབུལ་ཕོངས་སུ་འགྱུར་ཚད36.7%ནས8.3%རུ་མར་ཆག་པ་དང་། བརྒྱ་ཆའི་གནས་གྲངས28.4མར་ཆག  གཙོས་གྲོང་ཁྱེར་གྱིས་ཁུལ་ཡོངས་ཀྱི་ཁྲོད་ནས་སྔོན་དུ་དབུལ་ཕོངས་ལས་གྲོལ་བར་བརྩོན་ལེན་བྱེད་བཞིན་ཡོད་ལ། ཞིང་ཆེན་དང་རྒྱལ་ཁབ་ཀྱི་དཔྱད་ཞིབ་ལ་རྒྱུགས་འཕྲོད་པར་ཡིད་ཆེས་བརྟན་པོ་ཡོད།

རྨང་གཞིའི་བྱ་བ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ། དབུལ་སྐྱོར་བྱ་ཡུལ་ངོས་འཛིན་ཡང་དག་བྱེད་རྒྱུ་ནི་དབུལ་སྐྱོར་དང་དབུལ་ཐར་ཚད་ལྡན་ཅན་དུ་འགྱུར་བའི་ཐོག་མའི་སྔོན་འགྲོ་དང་རྨང་གཞི་ཡིན། 2013ལོ་ནས་བཟུང་། “གཅིག་ནས་བརྟག་ཞིབ་དང་གཉིས་ནས་བལྟ་བ། གསུམ་དུ་བསྡུར་བ། བཞི་རུ་དཔྱད་པ་དང་ལྔ་རུ་ཁྱབ་བསྒྲགས”བཅས་ཀྱི་ཐབས་དང་གོ་རིམ་ལ་གཞིགས་ཏེ་དབུལ་སྐྱོར་བྱ་ཡུལ་དེ་ཡང་དག་ཏུ་བསྒྱུར། 2017ལོར་ཁུལ་ཡོངས་རྒྱལ་ཁབ་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཚད་མཐོའི་དབུལ་ཕོངས་ས་ཁུལ་དུ་བཞག་པའི་རྨང་གཞིའི་སྟེང་། ལིན་ཐན་དང་འབྲུག་ཆུ་རྫོང་གཉིས་དང་དེ་མིན་ཤང་གྲོང་གཉིས་དང་ཁུལ་ཡོངས་ཀྱི་སྡེ་བ67ཞིང་ཆེན་རིམ་པའི་ཚད་མཐོའི་དབུལ་ཕོངས་རྫོང་དང་ཤང་། སྡེ་བར་གཏན་ཁེལ་བྱས་པ་དང་། ཤང་གྲོང38དང་སྡེ་བ47ཁུལ་རིམ་པའི་ཚད་མཐོའི་དབུལ་ཕོངས་ཤང་དང་སྡེ་བ་རུ་གཏན་ཁེལ་བྱས་ཏེ་རྗེས་ཕྱོགས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱེད་ཡུལ་གལ་ཆེན་དུ་བཞག

དབུལ་སྐྱོར་གྱི་ཆེད་དམིགས་ཤུགས་ཚད་སྔར་ལས་ཆེ་བ། 2012ལོ་ནས་བཟུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར26.35བརྩོན་ལེན་བྱས་ཏེ། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་དང་ཁྱིམ་ཚང་ལ་དམ་པོར་དམིགས་ནས་སྡེ་བར་ཐོན་པའི་ལས་གཞི་དབུལ་ཕོངས་མི་གྲངས་ཡོངས་ལ་ཁེབས་པར་བྱས་ཤིང་། དེ་དང་མཉམ་དུ་ས་གནས་ནོར་སྲིད་ཀྱིས་དབུལ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་དབུལ་སྐྱོར་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

ལས་རིགས་ཀྱི་དབུལ་སྐྱོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། 2017ལོར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར50ཡིན་ཞིང་། དབུལ་ཕོངས་མི་གྲངས་ཁྲི3.6གི་སྣེ་ཁྲིད་དེ་ལས་ཞུགས་ཡོང་སྒོ་འཕར་ཏེ། རོང་འབྲོག་སྡེའི་སྲོལ་རྒྱུན་ཐོན་ལས་དང་རྨང་གཞིའི་ཐོན་ལས་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་དབུལ་ཐར་མི་གྲངས་དེ་ཞིང་ཕྱུགས་ལས་ཐོན་ལས་ཀྱིས་ཁྱབ་པར་བྱས། ལོ་རེར་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི1.4ཡས་མས་ལ་གསབ་ཁྲིད་བྱས་ཏེ། ངལ་རྩོལ་གྱི་ཡོང་འབབ་སྒོར་དུང་ཕྱུར20མངོན་འགྱུར་བྱུང་། ཉེན་ཁ་ཆེ་བའི་ཁྱིམ་ཚང་གི་ཁང་བ91188བསྒྱུར་བཅོས་བྱས་ནས། ཁྱིམ་ཚང 10527ས་གཞན་དུ་གནས་སྤོར། ཁུལ་ཡོངས་ཀྱི་འོས་འགན་སློབ་གསོའི་གཏན་འཇགས་ཀྱི་ཚད95.11%ལ་བསླེབས། རོང་འབྲོག་མི་དམངས་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་ཚད98.21%ལ་སླེབས། དབུལ་ཕོངས་མི་གྲངས་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་ཚད་ཡོངས་སུ་ཁེབས་ཡོད་ལ། ནད་ཀྱི་དབང་གིས་དབུལ་བོར་འགྱུར་བའི་ཚད་མར་ཆག་ཡོད་ཅིང་། རོང་འབྲོག་སྡེའི་ཆེས་དམའ་བའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་དང་དབུལ་སྐྱོར་སྲིད་ཇུས་ཀྱི་ནུས་པ་མངོན་གསལ་ཐོན་གྱིན་ཡོད།

སྤྱི་ཚོགས་ཀྱི་རོགས་སྐྱོར་ནུས་ཤུགས་ལྡན་ལ་ཕན་འབྲས་མངོན་གསལ་ཐོབ་པ། ཕྱོགས་ཡོངས་ནས་འགོ་ཁྲིད་ལས་བྱེད་མི་སྣས་རྫོང་ལ་འབྲེལ་བ་བྱས་ཏེ་ཤང་སྡེ་འགན་ལེན་གྱི་རོགས་སྐྱོར་ལམ་ལུགས་བཙུགས་པ་དང་། ཤུགས་ཆེན་པོས་ལས་ཁུངས་ཀྱིས་སྡེ་བ་འགན་ལེན་བྱེད་པ་དང་ལས་བྱེད་པས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་བཏང་། མིག་སྔར་ཞིང་ཆེན་དང་ཁུལ་རྫོང་ཤང་བཅས་ཀྱི་ལས་ཁུངས898དང་ལས་བྱེད་པ་ཁྲི2.02གཏན་འཁེལ་རོགས་སྐྱོར་བྱེད་པའི་ནང་དུ་ཞུགས་པ་དང་། དབུལ་ཕོངས་སྡེ་བ284དང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་སྡེ་བ34ལས་གཞན་དབུལ་ཕོངས་སྡེ་བ་ཚང་མར་སྡེ་བར་སྡོད་པའི་རོགས་སྐྱོར་བྱ་བའི་རུ་ཁག་དང་ལས་གནས་སྦྱོང་བརྡར་གྱི་ཧྲུའུ་ཅི་ཡོད་པར་བྱས།

ཁྱད་ཆོས་མུ་མཐུད་དུ་ཕྱིར་མངོན་པར་བྱས་པ། 2015ལོ་ནས་བཟུང་། སྐྱེ་ཁམས་དབུལ་སྐྱོར་གྱི་ཕྱོགས་སུ་འབད་བརྩོན་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི“མཐོར་འདེགས་ཀྱི་བཟོ་སྐྲུན་ཆེན་པོ་གཉིས”ལག་ལེན་དུ་བསྟར་ཞིང་། ཁུལ་ཡོངས་ལ་ཁ་གཏད་ནས་ཤང་གྲོང་གི་ཁོར་ཡུག་སྒྲིག་བཅོས་བྱེད་པའི་ཕྱོགས་སུ་ཧུར་བརྩོན་བྱས།

བསམ་བློའི་བྱེད་ཐབས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ། ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་བསམ་བློ་བཏང་ནས་རྒྱུ་སྤུས་མཐོར་འདེགས་སུ་བཏང་བ་དང་། 2017ལོར་གཙོས་གྲོང་ཁྱེར་དབུལ་མཐར་དང་། 2018ལོར་ཀླུ་ཆུ་དང་རྨ་ཆུ་རྫོང་གཉིས་དབུལ་མཐར་བྱེད་པ། 2019ལོར་བསང་ཆུ་དང་ཅོ་ནེ། ཐེ་བོ་རྫོང་གསུམ་དབུལ་མཐར་བྱེད་པ། 2020ལོར་ལིན་ཐན་དང་འབྲུག་ཆུ་རྫོང་གཉིས་དབུལ་མཐར་བྱ་རྒྱུའི་དམིགས་འབེན་གྱི་ཆེད་དུ། ཀན་ལྷོ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཕོངས་ས་ཁུལ་གྱི་དབུལ་མཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ནན་ཏན་གྱིས་ལག་ལེན་གཏིང་ཟབ་བྱས་ཏེ། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར74ཡིན་པའི་ཀན་ལྷོ་ཁུལ“1+8”དང་རྫོང་གྲོང་ཁྱེར་བརྒྱད་ཀྱི“1+N”ཡི་དབུལ་ཐར་མཁྲེགས་གཏོར་གྱི་འཆར་གཞི་བཀོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།