ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཅོ་ནེ་དང་ལིན་ཐན། བསང་ཆུ། ཀླུ་ཆུ། རྨ་ཆུ་བཅས་སུ་སོང་ནས་རིག་གནས་ཡུལ་སྐོར་དང་གནད་ཁེལ་དབུལ་ཐར་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཁྲིན་ཅང་ཧྥུན་བཅས་ཅོ་ནེ་དང་ལིན་ཐན། བསང་ཆུ། ཀླུ་ཆུ། རྨ་ཆུ་བཅས་རྫོང་དུ་སོང་ནས་རིག་གནས་ཡུལ་སྐོར་དང་གནད་ཁེལ་དབུལ་ཐར་གྱི་བྱ་བར་རྟོག་ཞིབ་བྱས་པ་དང་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཞིང་ཁྱིམ་སྤྲོ་ར་དང་འབྲོག་ཁྱིམ་སྤྲོ་ར་ཁག་ཅིག་གི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཡུལ་སྐོར་ལམ་ཐིག་རྩེ་གྲ་མགྱོགས་པོར་བསྐྲུན་པ་དང་། ཡུལ་སྐོར་ཆེད་ལས་སྡེ་བ་དང་ཁྱད་ཆོས་ལྡན་པའི་ལྗོངས་གཟིགས་ཁུལ་གྱི་འཛུགས་སྐྲུན་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ། “ཡུལ་སྐོར་དབུལ་ཐར”གྱི་འབྲས་བུ་ཤུགས་ཆེན་གྱིས་རྒྱ་བསྐྱེད་པ་སོགས་བཀོད་སྒྲིག་བྱས།

ཡུས་ཁྲིན་ཧུའེ་ཡིས“ཆུ་ལ་བརྟེན་ནས་ལམ་ཐིག་འགོད་པ་དང་ལམ་འགྲམ་བརྒྱུད་ནས་བཀོད་སྒྲིག”བྱེད་པའི་འཐབ་ཇུས་རིག་ལམ་བརྟན་པོ་འཛུགས་པ་དང་། “གཙང་བོ་གཅིག་དང་ཆུ་བོ་གསུམ”གྱི་བཞུར་རྒྱུན་དང་རྒྱལ་ལམ213གྱི་ཀན་ལྷོའི་མངའ་ཁོངས། ཀན་སུའུ་དང་སི་ཁྲོན་འབྲེལ་མཚམས་ཀྱི་ས་ཁོངས་བབ་བཟང་བཅས་ལ་དམ་པོར་དམིགས་ནས། ཤུགས་ཆེན་གྱིས་ཀླུ་ཆུའི་བཞུར་རྒྱུན་གྱི་མི་རིགས་དམངས་སྲོལ་ཡུལ་སྐོར་ལམ་ཐིག་དང་འབྲུག་དཀར་གཙང་བོའི་མཐོ་རིའི་གྲོག་རོང་ཡུལ་སྐོར་ལམ་ཐིག  རྒྱལ་ལམ213གྱི་རྩྭ་ཐང་བརླན་སའི་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་། ཚན་རིག་དང་མཐུན་པར་ཡུལ་སྐོར་ཐོན་ཁུངས་བཀོད་སྒྲིག་དང་མཛེས་ལྗོངས་ཁུལ་སྒྲིག་རིམ་ལྡན་པ་བཅས་བྱས་ཏེ། ཀན་ལྷོའི་ཡུལ་སྐོར་དེ་འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་འོད་སྟོང་འབར་བའི་མུ་ཏིག་ལྟ་བུ་ཞིག་ཏུ་སྤེལ་དགོས། ཤུགས་ཆེན་གྱིས་ཀ་ཤུལ་གྱི་མ་དཔེ་དང་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས། རྒྱལ་ལམ213འགྲམ་རྒྱུད་ཀྱི་ཞོལ་བ་སྡེ་བའི་ཤུལ་རྙིང་དང་ཤུག་ལུང་ཉིན་པ“སྐྱེ་ཁམས་ཀ་ཤུལ”གྱི་གཅེན་གཅུང་ལྟ་བུར་བསྐྲུན་ཏེ། སྤྱི་ཡོངས་ཀྱི་སྒྲིག་བཀོད་དང་རང་བྱུང་ཁོར་ཡུག་གཞི་གཅིག་ཅན་དུ་གྱུར་པ་དང་། བཟོ་བཀོད་ཀྱི་མཛེས་ཉམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་གྱི་ཁྱད་ཆོས་གཅིག་ཏུ་འདྲེས་དགོས་ཞེས་བསྟན་པ་མ་ཟད། 4Aརིམ་པའི་མཛེས་ལྗོངས་ཆེན་པོའི་སྤུས་ལེགས་རིམ་སྤར་སྣེ་ཁྲིད་དུ་བརྩིས་ནས་ཤུགས་ཆེན་གྱིས་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཆེན་པའི་རྨང་གཞིའི་འདེགས་སྐྱོར་ནུས་ཤུགས་དང་སྐུལ་ཁྲིད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། “ཁོངས་ཡོངས་ཡུལ་སྐོར”གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་དགོས། ཞིང་ཁྱིམ་སྤྲོ་ར་སོགས་ཡུལ་སྐོར་ཐོན་ལས་སྐོར་ཞིག་གི་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། ཆ་རྐྱེན་ཡོད་པའི་དབུལ་ཕོངས་མང་ཚོགས་ཀྱི་རང་བདག་ཚོང་གཉེར་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཁག་ཅིག་ལ་ལས་ཞུགས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུགཏོང་དགོས་ཞེས་ནན་གྱིས་བསྟན། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།