ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཡིག་སྐུར་ཐེར་འདོན་དོན་དངོས་དང་མཐུན་པ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་མིག་སྔར་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཐད་གནས་པའི་གནད་དོན་ལ་དམིགས་ནས། ཡིག་སྐུར་ངོ་གཏུག་བྱ་ཡུལ་དང་ནང་དོན་གསལ་བོ་བྱས་ཏེ་དེ་བས་ཀྱང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱས།

ཅོ་ནེ་རྫོང་བརྙན་འཕྲིན་ཁང་དང་ཅོ་ནེའི་སྒེའུ་ཁུང་། སྲོལ་བཟང་གི་ཅོ་ནེ་སོགས་སྨྱན་བྱད་སྤྱད་དེ་ཡོངས་བསྒྲགས་ཀྱི་ཐེར་འདོན་བྱ་ཐབས་དང་སྤྱི་བསྒྲགས་ཡི་གེའི་ཐེར་འདོན་ས་གནས་དང་ཁ་པར་བཅས་གསལ་བོ་བྱས་ཡོད། མིག་སྔར།  རྫོང་ཡོངས་ཀྱི་ཤང་གྲོང15ཡི་སྲིད་འཛིན་སྡེ་བ97དང་རྫོང་གཏོགས་སྡེ་ཚན་གྱི་ལས་ཁུངས་དང་སྲང་ལམ་དང་སྡོད་ཁུལ་དུ་ཐེར་འདོན་ཡར་ཞུའི་ཡིག་སྒམ120བཀོད་སྒྲིག་བྱས་པ་མ་ཟད། ཤང་གྲོང་སོ་སོར་བྱ་འགུལ་སྤེལ་ནས་ཡུལ་དངོས་སུ་ངོ་གཏུག་ཞུ་རུ་ཡོང་བའི་མང་ཚོགས་སྣེ་ལེན་བྱས་ཤིང་དཀའ་གནད་ཐག་གཅོད་བྱས། མིག་སྔའི་བར་དུ། སྲིད་ཇུས་དྲིལ་བསྒྲགས་ཐེངས20ལྷག་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་ཚར7500འགྲེམ་གཏོང་བྱས། ཡིག་སྐུར་ངོ་གཏུག་ཏུ་ཡོང་བའི་མང་ཚོགས230སྣེ་ལེན་བྱས་ཤིང་། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་ཡི་གེ40ལྷག་འབྱོར་བ་དང་། ཡུལ་དངོས་སུ་དོན་དག21ལྷག་ཐག་གཅོད་བྱས་ཤིང་དོན་དག5ཞིབ་བཤེར་བྱས་ཏེ་ཐག་གཅོད་བྱས།

དུས་མཚུངས་སུ། ཐེར་འདོན་བདག་སྤྲོད་རིགས4ལ་ཁས་ལེན་བྱས་པ་དང་། བློ་ཐག་རྦད་ཆོད་ཀྱིས“ནག་ཤུགས་ངེས་པར་བཅོམ་དགོས་པ་དང་གཤེད་མ་ངེས་པར་མེད་པར་གཏོང་དགོས”པ་བྱས་ནས། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྐབས་སུ་རང་འགུལ་སྒོས་སྒྲིག་བཤེར་ཞིབ་བཤེར་ལས་ཁུངས་ལ་ཉེས་ཚབས་དང་ཞིབ་གཅོད་མི་བྱེད་པའི་རིགས་ལ་ཞིབ་གཅོད་ནན་མོ་བྱས་པ་དང་དམར་འདོན་བྱ་རྒྱུ་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་གསང་རྒྱ་གཟབ་ནན་བྱ་དགོས་པ་མ་ཟད་ཁྲིམས་ལྟར་ཐེར་འདོན་མཁན་མི་སྒེར་གྱི་ཆ་འཕྲིན་དང་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་རེད།།                                               

རྩོམ་སྒྲིག་པ། : ཀླུ་མོ་མཚོ།