ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བདེ་ཆེན་ཁུལ་གྱིས་འོས་འགན་སྡོང་འཛུགས་ནགས་བཟོ་སྡོང་རྐང་ཁྲི130བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec888feb55591a59211b11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ན་ནིང་གི་སྡོང་འཛུགས་ནགས་བཟོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི130ལ་སླེབས་པ་དང་། ( སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོང་རྐང་ཁྲི50དང་། བདེ་ཆེན་རྫོང་གི་སྡོང་རྐང་ཁྲི35། འབའ་ལུང་རྫོང་གི་སྡོང་རྐང་ཁྲི45)། གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས“ ནགས་ཚལ་བདེ་ཆེན”འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

2017ལོའི་ཁུལ་ཡོངས་ཀྱི་ནགས་བཟོ་ལྗང་སྒྱུར་གྱི་ཇུས་གཞི་ལག་བསྟར་བྱས་པ་གཞིགས་ན། ད་ལོའི་འོས་འགན་ཤིང་འཛུགས་དུས་རིམ་གཉིས་སུ་དབྱེ་ཡོད་དེ། དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་དང་དེའི་དུས་ཚོད་ནི་ཟླ3པའི་ཟླ་སྟོད་དང་ཟླ4པའི་ཟླ་སྟོད་ཡིན་ལ། སྟོན་དུས་ཀྱི་འོས་འགན་ཤིང་འཛུགས་དང་དེའི་དུས་ཚོད་ནི་ཟླ7པའི་ཟླ་སྨད་དང་ཟླ8པའི་ཟླ་སྟོད་ཡིན། ཤིང་འཛུགས་བྱ་ཡུལ་གཙོ་བོ་ནི་རྫོང་གསུམ་ཡིན་ཏེ། ( གྲོང་ཁྱེར་དང་ཆུས) གསར་སྤེལ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རི་བོ་ལྗང་སྒྱུར་དང་དེ་བཞིན་གཙང་རྒྱུད་དང་། ཆུ་བོའི་བཞུར་རྒྱུན། ཆུ་འགྲོ  ཆུ་ཡུར། ཆུ་མཛོད། མཚེའུ་རྒྱུད་ཀྱི་དུམ་བུ་དབྱི་ནགས་ས། དེ་དང་དུས་མཚུངས་སུ་གྲོང་གསེབ་སྔོ་ལྗང་ཅན་དང་།  སློབ་གྲྭའི་ལྗང་སྒྱུར། ཤང་གྲོང་གནས་སའི་ཁྲོམ་གཞུང་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།

ཤིང་འཛུགས་ནགས་བཟོའི་ལས་དོན་གྱི་གཙོ་ཤུགས་ཡིན་པའི་ཆ་ནས་ཁུལ་ཡོངས་ཀྱི་ནགས་ལས་སྡེ་ཚན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ཀྱི་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་མུའུ་ཁྲི3.1རྣམ་གྲངས་ད་ལོར་ལེགས་འགྲུབ་བྱ་རྒྱུ་རེད་ལ། རི་ཞིང་མུའུ་ཁྲི0.7སྐྱེ་ཁམས་བཅོས་སྐྱོང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ནགས་ཚལ་བཟོ་བར་ཁ་གསབ་བྱེད་པའི་རྣམ་གྲངས་མུའུ་ཁྲི5.5དང་། རྩི་ཤིང་གི་ཟས་སྣུམ་རྟེན་གཞི་མུའུ་ཁྲི2འཛུགས་སྐྲུན། ཤིང་རིགས་སྣུམ་རྫས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་མུའུ་ཁྲི6། ཞན་པ་དང་ཕན་འབྲས་དམའ་བའི་ནགས་ཚལ་སྒྱུར་བཀོད་མུའུ་ཁྲི2བཅས་ལེགས་གྲུབ་བྱུང་། ནགས་ཚལ་གསོ་སྐྱོང་མུའུ་ཁྲི11དང་། རྒྱལ་ཁབ་གྲབས་གསོག་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱིས་མུའུ2000། བྱེ་རྡོ་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་རྣམ་གྲངས་མུའུ་ཁྲི16.34ལག་བསྟར་བྱས། 

དེ་མིན། ཇུས་གཞིའི་ནང་ད་དུང་གཏན་འབེབས་བྱས་པ་ལྟར་ན། འོས་འགན་ཤིང་འཛུགས་ནགས་བཟོར་ཕན་འབྲས་ཐོབ་པར་འགན་ལེན་བྱ་ཆེད།  རིམ་པ་ཁག་གི་ནགས་ལས་སྡེ་ཚན་གྱིས་ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས་ནགས་ཚལ་བཟོ་འགན་འཁུར་བ་དང་། ནགས་བཟོ་ལག་རྩལ་མཛུབ་ཁྲིད། སྤུས་ཚད་ཞིབ་བཤེར་རྩིས་ལེན་བཅས་བྱས་པ་དང་། ད་དུང་ཤིང་འཛུགས་ནགས་བཟོའི་ནང་ཞུགས་ཚན་པའི་སྡེ་ཚན་ཁག་གིས་ལོ་དེའི་ནགས་གསོའི་གསོན་ཚད85%ཡན་ཟིན་པ་དང་། ལོ་ལྔའི་རིང་གནས་ཚད80%ཡན་ལ་སླེབས་པར་འགན་ལེན་བྱེད་དུ་བཅུག་ལ། ཚད་གཞིར་སླེབས་མེད་པའི་ལས་ཁུངས་ཀྱིས་དུས་བཀག་ལྟར་སླར་ཡང་སྐྲུན་རྒྱུ་བྱས་ཡོད། རྒྱུ་རྐྱེན་མེད་པར་འོས་འགན་ཤིང་འཛུགས་ལ་མི་ཞུགས་མཁན་གྱི་སྡེ་ཚན་དང་མི་སྒེར་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ་མ་ཟད། ད་དུང་འོས་འགན་ཤིང་འཛུགས་སྔོ་ལྗང་ཅན་གྱི་འགྲོ་གྲོན་བསྡུ་ལེན་བྱ་རྒྱུའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།