ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླར་སྙུགས་ཤེད་རྣམ་གྲངས་ཁག་གཉིས་ཀྱི་འགྲན་བསྡུར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་མཇུག་སྒྲིལ་མ་ཐག   2017ལོའི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་འབའ་ལྷག་དཀར་རྫོང་བུམ་པའི་རྒྱལ་སྤྱིའི་ཐང་རྒྱུག་འཕྲུལ་རྟའི་བཀག་བརྒལ་འགྲན་བསྡུར་གྱི་འགོ་བརྩམས་ནས་ཡོངས་སུ་མཇུག་བསྡུས་པ་དང་།  ཟླ6པའི་ཚེས4ཉིན། 2017ལོའི་ཀྲུང་གོ་སེམས་ཀྱི་ཉི་ཟླའི་སྙུགས་ཤེད་རྣམ་གྲངས་ཁག་གཉིས་ཀྱི་འགྲན་བསྡུར་བྱས།

རྒྱལ་ཁབ་བདུན་ནས་ཡོང་བའི་ལུས་རྩལ་པ150ལྷག་འགྲན་བསྡུར་དུ་ཞུགས་ཡོད་པ་རེད།ཐེངས་འདིའི་འགྲན་བསྡུར་གྱི་རྣམ་གྲངས་ལ་རྒྱུག་ཤར་གློད་པ(སྤྱི་ལེ7)+རྐང་འཁོར་བཞོན་པ(སྤྱི་ལེ45)+རྒྱུག་ཤར་གློད་པ(སྤྱི་ལེ7)བཅས་བགོས་ཡོད།

འགྲན་བསྡུར་འགོ་ཚུགས་པར་སྒུག་པའི་ལུས་རྩལ་པ་དང་ལྟད་མོ་བ།

33.jpg

བདེ་ཆེན་ཁུལ་གླུ་གར་ཚོགས་པས་འགྲན་བསྡུར་འགོ་ཚུགས་པ་དང་མཇུག་སྒྲིལ་བའི་མཛད་སྒོར་འཁྲབ་ཚན་བསྟན་པ།

འགྲན་བསྡུར་གྱིས་སྙུགས་ཤེད་གྱི་རྣམ་གྲངས་གཉིས་ཀྱི་སྐྱེས་པའི་མི་སྒེར་ཚོ་ཆུང་དང་བུད་མེད་མི་སྒེར་ཚོ་ཆུང་། ཚོགས་པའི་རྒྱུག་མཐུད་ཚོ་ཆུང་བགོས་ཡོད།དེའི་ནང་མི་སྒེར་ཚོ་ཆུང་གིས་ལོ་ན་ལྟར་ནས་ལོ18ནས39ཡི་བར་དང་ལོ40ཡན། ལོ50ཡན་གྱི་ལོ་ན་ཚོ་ཆུང་བགོས་པ་དང་། རྒྱུག་མཐུད་ཚོ་ཆུང་གིས་སྐྱེས་པ་དང་བུད་མེད་མི་བགོས་པ་དང་། ལོ་ནར་ཚོད་འཛིན་མ་བྱས་ནས། རང་མོས་ཀྱིས་སྡེབ་སྒྲིག་བྱེད་ཆོག    ཚོ་ཆུང་རེ་རེ་ལ་མི་གསུམ་བགོས་ཡོད། རྒྱུག་མཐུད་དབྱུག་པ་དང་པོར་རྒྱུག་ཤར་གློད་པ་དང་། རྒྱུག་མཐུད་དབྱུག་པ་གཉིས་པར་རྐང་འཁོར་བཞོན་པ། རྒྱུག་མཐུད་དབྱུག་པ་གསུམ་པར་རྒྱུག་ཤར་གློད་པ་རེད།

འགྲན་བསྡུར་འགོ་ཚུགས་པ།

འགྲན་བསྡུར་གྱི་འགོ་ཚུགས་ས་དང་ཚན་པ་བརྗེ་ས། མཇུག་མཐར་བཅས་ནི་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་གི་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་བཀོད་སྒྲིག་བྱས་ཡོད། རྒྱུག་ཤར་གློད་པའི་ཐེངས་གཉིས་ཀྱི་འགྲན་ལམ་ནི་གཅིག་ཡིན་པ་རེད།

འགྲན་ལམ་དུ་རྒྱུག་ཤར་གློད་པ།

ལུས་རྩལ་པས་ཚན་པ་བརྗེ་རེས་བྱེད་བཞིན་པ།

འགྲན་ལམ་དུ་རྐང་འཁོར་བཞོན་པ།

མཐར་ཐུག་ཏུ་སླེབས་པ།

18.jpg

མཇུག་མཐར་དུ་སླེབས་དུས་ལུས་རྩལ་པ་ལ་ཁ་བཏགས་དང་འབྲེལ་སྟོན་རྟགས་མ་འབུལ་བ།

འགྲན་བསྡུར་བྱེད་པའི་ཁྲོད་གནམ་གཤིས་བཟང་བས་འགྲན་བསྡུར་ཞུགས་མི་ཡོངས་ལ་སྟབས་བདེ་བསྐྲུན་པ་དང་ལྟད་མོ་བ་རྣམས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་ལྟད་མོ་བལྟས་པ་རེད།

19.jpg

འགྲན་བསྡུར་བྱས་རྗེས་ངལ་གསོ་རྒྱག་པ།

ལྷན་བཞུགས་པར་བསྒྲོན་དྲན་རྟེན།

ཐེངས་འདིའི་འགྲན་བསྡུར་ནི་མིག་སྔར་ཀྲུང་གོའི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་སྙུགས་ཤེད་ཀྱི་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ཡིན། འགྲན་ལམ་དེ་ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200ཟིན་པ་དང་། འགྲན་ལམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལམ་དུམ་ཁག་འགའ་དང་ནགས་ཕག་མཚོའི་མཚོ་སྐོར་ལམ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།