ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དུ་སྐབས་དང་པོའི་པི་ཝང་གླེང་སྟེགས་དང་འགྲན་སྟེགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིག་གནས་དང་རང་བྱུང་ཤུལ་བཞག་གི་ཉིན་ཐོག་མ་བསུ་བ་ཞུ་ཆེད། ཟླ6པའི་ཚེས9ཉིན་ནས་ཚེས10ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་དང་། གསར་འགྱུར་དཔེ་སྐྲུན་པར་དབང་ཅུས་ཀྱིས་གཙོ་སྒྲུབ་གནང་བ་དང་། བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བའི་བདེ་ཆེན་ཁུལ་སྐབས་དང་པོའི་པི་ཝང་གླེང་སྟེགས་དང་། པི་ཝང་འགྲན་སྟེགས་དེ་སེམས་ཀྱི་ཉི་ཟླ་ནས་སྔ་གཞུག་ཏུ་བསྡུས་པ་རེད།

1497492208889599.jpg

པི་ཝང་གླེང་སྟེགས་ཀྱི་ཡུལ་དངོས།

ཐེངས་འདིའི་གླེང་སྟེགས་ནི་སྲུང་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས། གསར་འབྱེད་ཀྱིས་བརྗོད་བྱ་བྱས་ནས། པི་ཝང་གི་མིག་སྔའི་གནས་བབ་དང་རྒྱུད་འཛིན་གྱི་གནད་དོན་ལ་དམིགས་ནས་བགྲོ་གླེང་རབ་དང་རིམ་པ་བྱས་པ་རེད། གླེང་སྟེགས་ནི་བཞུགས་མོལ་གྲོས་ཚོགས་ཀྱི་རྣམ་པ་ལྟར་སྤེལ་ལ། འཇོལ་གྱི་པི་ཝང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་བྱས་ནས། མི་སྣ་མང་པོ་འཇོལ་གྱི་པི་ཝང་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀའི་ཁྲོད་དུ་ཞུགས་རྒྱུར་བརྩོན་ལེན་བྱས་པ་དང་། པི་ཝང་རིག་གནས་བརྒྱུད་ནས་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱས་པ་རེད།

1497492208287090.jpg

པི་ཝང་འགྲན་སྟེགས་ཀྱི་ཡུལ་དངོས།

གླེང་སྟེགས་ཕུད། ཟླ6པའི་ཚེས10ཉིན་པི་ཝང་འགྲན་སྟེགས་བསྡུས་ནས་རྣམ་པ་གཞན་ཞིག་བརྒྱུད་ནས་འཇོལ་གྱི་པི་ཝང་སྒྱུ་རྩལ་མངོན་པ་རེད། པི་ཝང་འགྲན་སྟེགས་ནི་བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་ཐེ་ཞུགས་བྱས་པའི་ལས་ཀའི་བྱེད་ཕྱོགས་གཞིར་བཟུང་པའི་ནུས་ལྡན་ཐབས་ལམ་ཤིག་ཡིན་ལ།གསར་འབྱེད་ཀྱི་རྣམ་པ་བརྒྱུད་ནས།རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། མངོན་མིན་རིག་གནས་ཤུལ་བཞག་ལོངསསུ་སྤྱོད་པ། འབྲས་བུ་ལ་སྲུང་སྐྱོབ་བྱས་པ་བརྒྱུད་ནས།སྤྱི་ཚོགས་ཡོངས་ཀྱིས་ཐེ་ཞུགས་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པ་རེད།

1497492209700601.jpg

པི་ཝང་འགྲན་སྟེགས་ཀྱི་ཡུལ་དངོས།

རྒྱུས་ལོན་བྱུང་བ་ལྟར་ན། 2009ལོར། འཇོལ་གྱི་པི་ཝང་ཞབས་བྲོ་ལ་ཡུན་ནན་ཞིང་ཆེན་གྱིས་འབོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་ཐོའི་རྣམ་གྲངས་ཏུ་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།