ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1506311047418748.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2017ལོའི་ཀྲུང་གོ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དེ་སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་ནས་གཟབ་རྒྱས་ངང་བསྡུས་པ་རེད། ཐོན་རྫས་འགྲེམས་ཚོང་གི་ཡུལ་དངོས་སུ་རྒྱལ་ཡོངས་ས་གནས་ཁག་དང་ཕྱི་རྒྱལ་ནས་ཡོང་བའི་འགྲེམས་སྟོན་ལ་ཞུགས་པའི་ཁྱད་ལྡན་ཐོན་རྫས་བཀོད་སྒྲིག་བྱས་ཚར་ཟིན།ཚོང་བདག་གིས་མང་ཚོགས་རྣམས་ལ་ཞིབ་ཕྲའི་སྒོ་ནས་ཁྱད་ལྡན་ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ་འགྲེལ་བཤད་བྱས་པ་དང་།ཚང་མས་འཚང་ག་ཤིག་ཤིག་ངང་རང་ཉིད་ཀྱི་བློ་ལ་བབས་པའི་ཚོང་ཟོག་ཉོ་བཞིན་ཡོད།

འགྲེམ་ཚོང་གི་སྤྱིའི་བཙོང་འབོར་སྒོར་ཁྲི1181.08ཟིན་པ།དེའི་ནང་བདེ་ཆེན་རང་གནས་ཀྱི་སྤྱིའི་བཙོང་འབོར་སྒོར་ཁྲི117.18ཟིན་པ་དང་།ཞིང་ཆེན་ཕྱི་ཕྱོགས་བོད་ཁུལ་གྱི་སྤྱིའི་བཙོང་འབོར་སྒོར་ཁྲི70.82ཟིནཔ།ཞིང་ཆེན་ནང་ཁོངས་ཀྱི་ཁུལ་དང་གྲོང་ཁྱེར་གྱི་སྤྱིའི་བཙོང་འབོར་སྒོར་ཁྲི72.3ཟིན་པ།ཕྱི་རོལ་གྱི་འགྲེམ་ཚོང་དུ་ཞུགས་པའི་ཁེ་ལས་ཀྱི་བཙོང་འབོར་སྒོར་ཁྲི903ཟིན་པ།ཡུལ་དངོས་སུ་ཉོ་བཙོང་གན་རྒྱའི་མ་དངུལ་སྒོར་ཁྲི190.9ཟིན་པ།དེའི་ནང་བདེ་ཆེན་རང་གནས་ཀྱི་ཡུལ་དངོས་སུ་ཉོ་བཙོང་གན་རྒྱའི་མ་དངུལ་སྒོར་ཁྲི125.9ཟིན་པ་རེད།

1506311047749532.jpg

ཤེས་གསལ་བྱུང་བར་གཞིགས་ན། འགྲེམས་ཚོང་ནི་སྲིད་གཞུང་གིས་ལས་སྟེགས་བཏོད་པ་དང་།ཁེ་ལས་དང་ལས་རིགས་མཐུན་ཚོགས་སོགས་ཀྱིས་རོགས་སྐྱོར་བྱས་པ།ཞིང་པའི་ཆེད་ལས་མཉམ་ལས་ཁང་ཧུར་ཐག་ངང་ཞུགས་པའི་སྒོ་ནས།མཉམ་དུ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཚོང་ཟོག་ཐོན་རྫས་ཀྱིས་གཟུགས་བརྙན་འགྲེམས་པ་དང་།རྟགས་ཅན་དྲིལ་བསྒྲགས་བྱེད་པ།ཚོང་ར་རྒྱ་ཆེར་སྐྱེད་པ།མཉམ་ལས་བརྗེ་རེས་བྱེད་པའི་ཕྱོགས་བསྡུས་ལས་སྟེགས་ཤིག་བཏོད་པ་རེད།འགྲེམས་ཚོང་གིས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཕྱི་ཕྱོགས་ལ་འགྲེམས་པའི་དུས་མཉམ་དུ།རྒྱལ་ཁབ་ཕྱི་ནང་གི་ཚོང་པ་སྣེ་ལེན་བྱས་ཏེ།བདེ་ཆེན་གྱི་དཔལ་འབྱོར་བྱེད་སྒོ་ལ་དེ་བས་རྒྱ་ཆེའི་མཉམ་ལས་འཕེལ་རྒྱས་ཀྱི་བརྗེ་རེས་ལས་སྟེགས་ཤིག་བཙུགས་པ་རེད།

1506311047782982.jpg

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཐོག་གི་ཚོང་ཟོག་སྣ་མང་དང་སྤུས་ཚད་ལེགས་པོ་རེད།ད་ཐེངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོང་འདུས་ཐོག་བཤམས་པའི་ཚོང་ཟོག་ལ་བཟའ་བཅའི་ཐོན་ལས་དང་ཡུལ་སྐོར་རིག་གནས་།ཁྱད་ལྡན་ཞིང་ཞོར་ཐོན་རྫས།མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས།ཡུལ་སྐོར་དྲན་རྟེན་དངོས་རྫས་སོགས་བསྡོམས་པས་སྣ་ཁ་2000 ལྷག་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།