ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཐན་ཡོན་གྱིས་སྣེ་ཁྲིད་བྱས་ནས་བདེ་ཆེན་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀར་དཔྱད་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་།ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཀྲང་ཐན་ཡོན་གྱིས་དཔྱད་ཞིབ་ཚོ་ཆུང་སྣེ་ཁྲིད་བྱས་ནས་བདེ་ཆེན་ཁུལ་2017ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པ་དང་འབྲེལ་ཡོད་ཀྱི་དཔྱད་ཞིབ།དམངས་གཙོའི་དཔྱད་ཞིབ་ཚོགས་འདུ་འཚོགས་པ། གྲོས་ཚོགས་ཐོག་ཀྲང་ཐན་ཡོན་གྱིས་ནན་བཤད་གནང་དོན།ནན་ཏན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ་དང་རྒྱུན་མཐུད་ཀྱིས་ཏང་ནན་སྐྱོང་གཏིང་ཟབ་ཏུ་བྱེད་དེ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དངོས་ཡོད་གྲུབ་འབྲས་ཀྱིས་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ཀྲང་ཐན་ཡོན་གྱིས་ནན་བཤད་གནང་དོན། བདེ་ཆེན་གྱིས་ཐེངས་འདིའི་དཔྱད་ཞིབ་གོ་སྐབས་སུ་འཛིན་ནས།སྔར་ལས་ལྷག་པར་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།སྤྱོལ་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཙང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་རེད།

ཀྲང་ཐན་ཡོན་གྱིས་བླང་བྱ་བཏོན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དངོས་ཡོད་གྲུབ་འབྲས་ཀྱིས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྤྱི་ཁོག་གཅིག་འདོམས་བྱེད་པར་རྒྱུན་འཁྱོངས་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་ཆེད་དམིགས་ལེགས་སྒྲིག་གཏིང་ཟབ་སྐུལ་འདེད་གཏོང་དགོས། བོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་དམ་འཛིན་བྱེད་དགོས།བོད་ཁུལ་གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་གཞི་བཀོད་སྒྲིག་ཁག་བདེ་ཆེན་དུ་དོན་འཁྱོལ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་རང་ཁུལ་གྱི་2016ལོའི་འབྲེལ་ཡོད་ཀྱི་དཔྱད་ཞིབ་ལས་ཀའི་ལན་སྤྲོད་བསམ་འཆར་ལེགས་སྒྲིག་དང་དོན་འཁྱོལ་བྱེད་པའི་གནས་ཚུལ། 2017ལོའི་ཁུལ་ཡོངས་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་གནས་ཚུལ་སྙན་སེང་ཞུས་པ། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གྲོས་ཚོགས་ཐོག་ཀུའུ་ཁུན་དང་ཆི་ཅན་ཞིན་གཉིས་ཀྱིས་རང་ཉིད་ཀྱི་འགན་འཁྲིའི་སྒྲུབ་ཚུལ་དང་སྤྱོད་གཙང་བྱེད་ཚུལ་གནང་།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་གཞན་གྱིས་ཡིག་ཐོག་རང་ཉིད་ཀྱི་འགན་འཁྲིའི་སྒྲུབ་ཚུལ་དང་སྤྱོད་གཙང་བྱེད་ཚུལ་གནང་བ།

གྲོས་ཚོགས་ཐོག་ད་དུང་དམངས་གཙོའི་དཔྱད་ཞིབ་བྱེད།

དཔྱད་ཞིབ་ཚོ་ཆུང་དགུ་པའི་ཙུའུ་ཀྲང་།ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་ཀྲའོ་ཅི་སོགས་དཔྱད་ཞིབ་ཚོ་ཆུང་གི་ཁོངས་མི་གྲོས་ཚོགས་སུ་ཞུགས་ཡོད།

 ཁུལ་རིམ་པའི་འགོ་ཁྲིད་ཚོ་ཆུང་བཞི་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོ། ཁུལ་རིམ་པའི་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བ། ཁུལ་དམངས་ཆེན་གྱི་འཐུས་མི་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།ལས་འཁྱུརལ་ངལ་གསོ་བྱེད་པའི་ལས་བྱེད་པའི་འཐུས་མི།གཞི་རིམ་གྱི་ཏང་ཡོན།མང་ཚོགས་འཐུས་མི་འགའ་ཤས་གྲོས་ཚོགས་སུ་ཞུགས་ཡོད།

ཡང་ཤེས་གསལ་བྱུང་དོན། ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཀྲུང་ཐན་ཡོན་ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་ཁུལ་སྤྱི་བདེ་ཅུས་སུ་ཟབ་ཞུགས་བྱས་ནས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་གི་ལས་ཀར་ཞིབ་འཇུག་གནང་བ།

ཞིབ་འཇུག་བྱེད་པའི་སྐབས་སུ། ཀྲང་ཐན་ཡོན་གྱིས་བསྟན་དོན།མིག་སྔར་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་བཞིན་ཡོད་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་གྲབས་ཡོད་པས།བདེ་ཆེན་ཁུལ་རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་སྡེ་ཁག་སོ་སོས་གང་ལེགས་ཀྱིས་མིག་སྔའི་སྤྱི་ཚོགས་བརྟན་བརླིང་ལས་ཀའི་དོན་དངོས་ལ་གསལ་རྟོགས་བྱུང་དགོས་པ་དང་།ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཆེད་དོན་གྲོས་ཚོགས་དང་མཛུབ་ཁྲིད་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།ཕྱོགས་ཡོངས་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།