ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཞིང་འབྲོག་སྡེ་ཚན་གྱིས་ནུས་ཤུགས་ཡོད་དགུས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཁུངས་འདེད་ལས་ཀར་སྐུལ་འདེད་བཏང་བ་དང་།  ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་བཙོན་སྲུང་དོ་དམ་བྱེད་ཤུགས་ཆེར་བཏང་ནས།  ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་སྤྱི་ཡོངས་ནས་བརྟན་བརླིང་དང་རིམ་བཞིན་ལེགས་སུ་འཕེལ་བ་རེད།

2018ལོའི་ལོ་མཇུག་གི་བར་དུ།  ཁུལ་ཡོངས་སུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་བྱུང་མེད་པ་དང་། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་ཀྱི་འཐེན་བཤེར་མཐུན་ཚད98%ཡན་ཟིན་པ། 

2018ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱོད་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་བཙོན་སྲུང་དོ་དམ་བྱེད་ཤུགས་ཆེར་བཏང་ཡོད་དེ།  གཅིག་ནི་ཞིང་ལས་ཐོན་རྫས་ལ་རྒྱུན་ལྡན་གྱི་ཞིབ་དཔྱད་ཚད་ལེན་བྱས་པ།  2018ལོའི་ཟླ10པའི་བར་དུ།  ཁུལ་དང་རྫོང་(གྲོང་ཁྱེར་)གྱི་ཞིབ་དཔྱད་ལྟེ་གནས་ཀྱིས་ཚལ་རིགས་ཐོན་ཁུལ་དང་གྲོང་སྡེའི་ཁྲོམ་ར་སོགས་སུ་ཕྱིར་འཚོང་བྱེད་ཡོད་པའི་ཚལ་རིག་དང་ཤིང་ཏོག་སོགས་ལ་ཞིང་སྨན་གྱི་སྙིགས་རོ་འཐེན་བཤེར་བྱས་ཏེ།  ཁྱོན་བསྡོམས་རིགས་སོ་སོའི་ཚལ་རིགས་དང་ཤིང་ཏོག་གི་དངོས་དཔེ9228ལ་འཐེན་བཤེར་བྱས་པ་དང་མཐུན་ཚད99.9%ཟིན་པ།  གཉིས་ནི་སྲོག་ཆགས་ཀྱི་འཕྲོད་བསྟེན་ལ་བཙོན་སྲུང་དོ་དམ་བྱེད་ཤུགས་ཆེར་གཏོང་བ།  བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ནད་ཡམས་བརྟག་ཞིབ་ལ་གབ་པ་དང་བརྟག་ཞིབ་བྱེད་མེད་ནས་ཁྲོམ་རར་འཚོང་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱས་ཏེ།  2018ལོའི་ཟླ10པའི་བར་དུ།  ཁུལ་ཡོངས་སུ་བྱ་རིགས་དང་ཕྱུགས་རིགས་ཀྱི་ཐོན་ཁུལ་དུ149980ལ་ནད་ཡམས་བརྟག་ཞིབ་བྱས་པ་དང་།       བཤའ་རར114303ལ་ནད་ཡམས་བརྟག་ཞིབ་བྱས་པ་རེད།

2018ལོར།  བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་དགུ་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་དོ་དམ་བྱེད་ཤུགས་ཆེར་བཏང་བ་དང་།  ཟས་རིགས་ཀྱི་ཐོན་སྐྱེད་དང་འགྲོ་རྒྱུག  ཕྱི་འཚོང་སོགས་གནད་འགག་ལ་བཙོན་སྲུང་དོ་དམ་ཤུགས་ཆེར་བཏང་ནས།  ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཡུལ་མིའི་བདེ་འཇགས་འཛད་སྤྱོད་དངོས་སུམ་དུ་གྲུབ་ཡོད་པ་རེད། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།