ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་རྫོང་གི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

baaefbd5-9e65-49c8-a80f-37d561cf01bd.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་འཇོལ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས།    ཁང་རྙིང་དང་།   ཁང་པ་བཟོ་བའི་ནུས་པ་མེད་པའི་དུད་ཁྱིམ།    ཁང་པ་ཞིག་གསོའི་ནུས་པ་མེད་པའི་དུད་ཁྱིམ།     ཁྱིམ་སྡོད་ཁོར་ཡུག་ཅུང་ཞན་པའི་དུད་ཁྱིམ་སོགས་ཀྱི་གནས་ཚུལ་ལ་ཞིབ་བསྡུར་གནད་དུ་འཁེལ་བ་བྱས་ཏེ།   ཧུར་ཐག་གིས་གྲོང་གསེབ་ཀྱི་ཁང་རྙིང་སྒྱུར་བཀོད་དང་ཇེ་བཟང་དུ་གཏོང་རྒྱུ་ལག་བསྟར་བྱས་ཡོད།    སྤྱོད་ཁང་དང་ར་བ་གསར་བཟོའི་རྣམ་གྲངས་དང་གཞན་མཛེས་པ་བཞི་དང་གཙང་མ་བཞི་མཐོར་འདེགས་སུ་གཏོང་བའི་ལས་དོན་སྤེལ་ནས།   བོད་ཁུལ་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ་དང་འཚོ་བའི་སྤུས་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་ཡོད།

དུད་ཚང་གི་གནས་ཚུལ་དང་བསྟུན་ནས་བྱེད་ཐབས་བཏོན་པ་སྟེ།  ཁང་རྙིང་བསྒྱུར་བཀོད་གཏོང་རྒྱུ་མཐོར་འདེགས་སུ་བཏང་ཡོད།   རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་སྣེ་འཁྲིད་ཅིང་།   ཤང་གྲོང་ཁག་དང་། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དང་་དུད་ཚང་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ་དུད་ཚང་རེར་བསྒྱུར་བཀོད་ཇུས་གཞི་རེ་བཟོ་འགོད་བྱས་ནས་ཁ་གསབ་རོགས་དངུལ་གཏན་འཁེལ་བྱས་ཡོད།   

བརྟན་བརླིང་ལག་བསྟར་བྱེད་པའི་རྣམ་གྲངས་གཙོ་བོར།   སྤྱོད་ཁང་ཇེ་ལེགས་སུ་གཏོང་བ་དང་།   ར་བ་ཇེ་ལེགས་སུ་བཏང་ནས་མི་དང་ཕྱུགས་ཟོག་སོ་སོར་འབྱེད་པ།    གནོད་མེད་ཅན་གྱི་གཙང་སྦྲ་དོད་པའི་གསང་སྤྱོད་དང་། སྒོ་ར་སྲ་བརྟན་དང་ལྗང་བསྒྱུར་སོགས་ཀྱི་ལས་ཀ་ཚུད་ཡོད།  

b34f4ae9-6d99-43e2-82b1-91b6a4fce850.jpg

མཛེས་པ་བཞི་དང་གཙང་མ་བཞི་མཐོར་འདེགས་སུ་གཏོང་བའི་ལས་ཀ་སྤེལ་བ།    ཞིང་ཆེན་ཏང་ཨུས་ཡུན་ནན་འདི་ཉིད་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཞིང་ཆེན་དུ་བསྐྲུན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གཞིར་བཟུང་བ་དང་།  ཁུལ་ཨུས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་རིགས་ས་ཁུལ་དུ་བསྐྲུན་པའི་དམིགས་འབེན་གཞིར་བཟུང་ནས།    འཇོལ་རྫོང་གིས་དོན་དངོས་ལ་དམིགས་པ་དང་།     ཏན་ཏན་ཏིག་ཏིག་གིས་ཆེས་མཛེས་པའི་གྲོང་ཁྱེར་དང་།   ཆེས་མཛེས་པའི་གྲོང་རྡལ།   ཆེས་མཛེས་པའི་གྲོང་ཚོ།    ཆེས་མཛེས་པའི་ཁྱིམ་ཚང་གཏོད་རྒྱུའི་ལས་ཀ་སྒྲུབ་ནས།   གྲོང་ཚོ་གཙང་མ་ཡིན་པ་དང་།   སྡོད་ཁང་གཙང་མ་ཡིན་པ།   ར་སྐོར་གཙང་མ་ཡིན་པ།   མི་སྒེར་གྱི་ཀུན་སྤྱོད་གཙང་མ་ཡིན་པ།   ཁང་པ་བསྒྱུར་བཀོད་མཐོར་འདེགས་དང་།     དྲིལ་བསྒྲགས་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ།  རྨང་གཞིའི་ཡིག་ཚགས་དང་ཤེས་རྟོགས་བྱང་བུ་མཐོར་འདེགས་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ནུས་ཡོད་ཀྱིས་བྱ་སྤྱོད་ངན་པ་དང་།    ལུགས་རྙིང་སྲོལ་ངན་མེད་པར་བཟོས་ཏེ།   དབུལ་སྒྲོལ་འགག་སྒྲོལ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རམ་འདེགས་བྱེད་པར་ཕྱོགས་གཉིས་ཀྱི་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།